ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༢༠ ཉིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིག་པའི་ཞིབ་འཇུག་ཐབས་ལམ་ཞེས་པའི་བརྗོད་གཞི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཟུང་སྦྲེལ་གྱིས་གོ་སྒྲིག་གནང་བའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་ཡོད།